logo

ངོ་སྤྲོད།

༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཅིག་པ་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་གཞུང་ལུགས་དྲི་མ་མེད་པ་རྣམས་ཕྱི་རབས་ཀྱི་མི་བརྒྱུད་རྣམས་ལ་ཆ་ཚང་ཞིང། ཚད་ལྡན་ཚུལ་མཐུན་རྩིས་སྤྲོད་བྱེད་ཐུབ་ངེས་ཡོང་བའི་དོན་དུ། མཁན་ཆེ་ཨ་པད་རིན་པོ་ཆེ་མཆོག་ནས་གནད་ཆེའི་གཞུང་ལུགས་རྣམས་ཕྱོགས་བསྡུ་གནང་རྒྱུས་མཚོན། གློག་ཀླད་ནང་འཇུག་པ་དང་། དཔར་བསྐྲུན་བྱེད་པ་བཅས་གལ་ཆེ་དོན་ཆེར་བརྩིས་གནང་བ་རེད།  ས་སྐྱའི་ཆོས་བརྒྱུད་ཀྱི་ཐུན་མིན་གཞུང་ལུགས་དཔེ་ཚོམས་འཚོལ་བསྡུ་དང། བསྐྱར་གསོ། དེ་བཞིན་པར་བསྐྲུན་བཅས་ཀྱི་ལས་གཞི་བསྐྱངས་ཏེ།   མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་བརྩེ་བ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ལ་བླ་ན་མེད་པའི་མཛད་རྗེས་རླབས་པོ་ཆེ་ཞིག་བསྐྱངས་ཡོད།

དཔེ་ཚོམས་འདི་རྣམས་ཐོག་མའི་ཆར། ཤོག་པར་གྱི་ཚུལ་དུ་དེབ་དང་དཔེ་གཟུགས་ཅི་རིགས་སུ་དོན་གཉེར་ཅན་རྣམས་ནས་ལོངས་སུ་སྤྱོད་རྒྱུར་མཁོ་འདོན་ཞུས་ཡོོད་པ་དང། དེ་རྗེས་ཡོད་ཚད་འོད་སྡེར་གཉིས་ཀྱི་ནང་ཚང་བསྡུས་བྱས་ཏེ་དོན་གཉེར་ཅན་རྣམས་ཀྱི་ལག་ཏུ་སླེབ་ཐབས་ཞུས་ཡོད།

རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་ངེས་སྟོན་པ་མཁན་པོ་འབྱོར་ལྡན་མཆོག་ནས་བཀའ་བསྐུལ་བྱུང་དོན་ལྟར།  རྒྱལ་བསྟན་དར་རྒྱས་ཡུན་གནས་ཆེད་དཔེ་ཚོམས་དེ་རྣམས་ད་ཆ་འཕྲུལ་ལམ་བརྒྱུད། དྲྭ་རྒྱའམ་འཕྲིན་བརྡའི་ལམ་ནས་རིན་མེད་མཐུན་སྦྱོར་འོག་གཟིགས་ཀློག་ཐུབ་པའི་གོ་སྐབས་ཀྱང་བསྐྲུན་ཡོད།

 

ད་ཆ་ང་ཚོའི་དཔེ་མཛོད་ནང་གཤམ་གསལ་ Digital Projects (DVD)  འོད་སྡེར་ཡོད།

འདི་རྣམས་འཕྲུལ་ལམ་བརྒྱུད་སྟབས་བདེའི་ངང་གཟིགས་ཐུབ་པ་ཞིག་ཡོང་ཆེད་བསྐྱར་བསྒྲིགས་བྱས་ཡོད།

༡༽ ཆེས་དཀོན་ཅིང་རིན་ཐང་བྲལ་བའི་ནང་པའི་གཞུང་ལུགས་དཔེ་ཚོམས་འདི་རྣམས་བལ་ཡུལ་རྒྱལ་ས་ཀཱཋ་མཎྜུ་ནང་གཏན་གཞི་བྱས་པའི་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་དང་བླ་མ་གུ་རུའི་རྒྱལ་ཡོངས་ས་ཆེན་གཉིས་ཟུང་སྦྲེལ་ཐོག་ ༢༠༡༢ ལོར་པར་འགྲེམས་ཞུས།

༢༽ ཕྱོགས་བསྡུས་གྲགས་ཆེན་བཅོ་བརྒྱད་དཔེ་ཚོམས་རྩ་འགྲེལ་གཉིས་ཆ་ ༢༠༡༡ ལོར་བལ་ཡུལ་རྒྱལ་ཡོངས་ས་ཆེན་གྱིས་པར་བསྐྲུན་ཞུས།

 

ཆོད་གཏམ། ༼སྒྲིགས་གཞི་ལམ་སྟོན།༽

ལས་འཆར་འདི་རྣམས། Creative Commons Attribution-Non commercial-Share Alike 3.0. Unported License -  ཁྱབ་ཁོངས་ཞུས་ཐོབ་བྱུང་བ་ཞིག་རེད།

མཁན་ཆེན་ཨ་པད་རིན་པོ་ཆེ་ངག་དབང་ཡོན་ཏན་བཟང་པོ་མཆོག་གི་ཐུགས་དགོངས་སྐོངས་སླད། ཁྱེད་རང་རྣམས་སྤྱིར་སློབ་གཉེར་ལ་འཇུག་པ་དང། ཡང་སྒོས་རིག་གཅིག་རྐང་འཛིན་ལྟ་བུ་དཔེ་བསྡུར་སླད། རིན་མེད་ལོངས་སུ་སྤྱོད་ཐུབ་པ་ཞིག་ཡོང་ཆེད། ང་ཚོས་ དཀའ་བ་བརྒྱ་ཕྲག་དངས་ལེན་གྱིས་དཔེ་གཞུང་འདི་རྣམས་ཞུ་དག་ཚད་ལྡན་བྱས་པའི་སྒོ་ནས་གློག་ཀླད་ནང་ཡིག་འཇུག་བྱས་ཡོད།

ཁྱེད་ནས་དཔེ་ཚོམས་འདི་རྣམས་ཆ་རྐྱེན་གཉིས་ཀྱི་ཐོག་ནས་པར་འགྲེམས་བྱེད་ཆོག

༡༽ དག་ཆ་ཞུ་དག་བྱེད་རྒྱུ་ཙམ་ལས་གཞན་སྣོན་འཕྲི་སྤོར་གཅོག་རིགས་མི་ཆོག

༢༽ ཁྱེད་རང་ནས་པར་འགྲེམས་བྱ་རྒྱུའི་དེབ་བམ་དཔེ་ཆའི་ནང་འོག་གི་ཚིག་ཕྲེང་འདི་བཅུགས་ཏེ། ང་ཚོས་བྱས་ཟིན་པའི་ལས་ཀར་ངོས་འཛིན་གནང་ཆོག།།

༼དཔེ་ཚོགསའདི་རྣམས་ ༢༠༡༥ ལོར་འཕྲུལ་རྩིས་ཐོག་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་དང་བླ་མ་གུ་རུའི་རྒྱལ་ཡོངས་ས་ཆེན་གཉིས་ཟུང་སྦྲེལ་ཐོག་པར་འགྲེམས་བྱས་པ་རེད། ༽

 

ཡིག་སྣོད་བཀོད་སྒྲིག།

འཕྲུལ་རྩིས་དཔེ་མཛོད་འདིའི་ནང་དཔེ་ཚོམས་རེ་རེའི་དོན་དུ་ཡིག་སྣོད་བཀོད་སྒྲིག་བྱེད་སྟངས་གཉིས་རེ་ཡོད།

1: Unicode-a microsoft word 97-2003 file with Unicode Font - Monlam Uni Ouchan 2

2: PDF- a search & copy enabled PDF file made with Monlam Uni Ouchan 2