logo

ང་ཚོའི་སྐོར།

ས་སྐྱའི་ཌི་ཇི་ཊལ་དཔེ་ཚོགས་འདི་ཉིད་སུ་གང་ཞིག་གི་ལམ་སྟོན་འོག་བྱེད་སྒོ་སྤེལ་རྒྱུའམ་ལས་འཆར་ལ་འཇུག་རྒྱུ།

རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་ནི།

བོད་མི་མ་ཡིན་པའི་ནང་ཆོས་སློབ་སྦྱོང་བྱེད་མཁན་རྣམས་ཀྱི་ཆེད། ཆེས་མཐོའི་ནང་ཆོས་སློབ་གཉེར་དང་། སྒོམ་སྒྲུབ་དང་འབྲེལ་བའི་ཉམས་བཞེས་རྣམས་ལོངས་སུ་སྤྱོད་ཐུབ་པ་ཞིག་ཡོང་སླད་དང། དཔལ་ས་སྐྱའི་ཆོས་བརྒྱུད་ཀྱི་མནའ་བོའི་གལ་ཆེའི་ཡིག་ཆ་རྣམས། མི་ཉམས་རྒྱུན་འཛིན་དང་པར་བསྐྲུན། སྒྲ་བསྒྱུར། དེ་བཞིན་ད་ལྟའི་གཞོན་སྐྱེས་རྣམས་ལ་མ་འོང་པའི་དབུ་ཁྲིད་བྱེད་ཐུབ་ཆེད་སྦྱོངས་བརྡར་སྤྲོད་རྒྱུ་བཅས་ཀྱི་དགོངས་གཞི་དང་བཅས། ༢༠༠༡ ལོར་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གིས་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་འདི་བཙུགས་གནང་བ་རེད།   

མཐོ་རིམ་སློབ་གཉེར་གཙུག་ལག་འདི་ནི་མཁན་པོ་འབྱོར་ལྡན་ལགས་མཆོག་གི་བཀོད་ཁྱབ་འོག་ཡོད།

རྒྱལ་ཡོངས་ས་ཆེན་ནི།

༧ སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་དང་མཁན་ཆེན་ཨ་པད་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཐུགས་བཞེད་སྐོང་བའི་དོན་དུ་གསར་འཛུགས་ཞུས་པ་ཞིག་རེད། འདི་ནི་བླ་མ་གུ་རུའི་ལམ་སྟོན་འོག་ས་སྐྱའི་དཔེ་ཚོམས་པར་འགྲེམས་གནང་མཁན་གཙོ་གྲས་ཞིག་ཡིན།

ཆོས་དུང་དཀར་མོ་སྒྲ་སྒྱུར་སྡེ་ཚན་ནི།

རྒྱལ་སྤྱིའི་སྒྲ་སྒྱུར་སྡེ་ཚན་འདི་ཉིད་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་དགོངས་བཞེད་སྐོང་བའི་ཆེད་དུ། རྒྱལ་བསྟན་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་སླད། བོད་པ་མ་ཡིན་པའི་ནང་ཆོས་དོན་གཉེར་ཅན་རྣམས་ཀྱི་དོན་དུ། རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་དུ་ ༢༠༡༠ ལོར་གསར་འཛུགས་གནང་བ་རེད།

 

ལས་གཞི་འདི་ Khenchen Appey Foundation ནས་མ་དངུལ་འཇོག་པ་ཞིག་རེད།

Email: sakyalibrary[at]gmail[dot]com